10/05/2026
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༠ ནས་ ༡༣ བར་ཉིན་བཞིའི་རིང་འདི་ག་སྔ་འགྱུར་རྙིང་མའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པ། ཟླུམ་གཟུགས་ས་ཡི་གོ་ལ་ཁྱོན་ཡོངས་སུ་ནད་མུག་མཚོན་འཁྲུགས་སོགས་མི་མཐུན་དུས་ཀྱི་རྒུད་པ་ཐམས་ཅད་རྨང་མེད་དུ་ཞི་ནས་འཛམ་གླིང་ཞི་བདེ་ཡོང་བ། ཁྱད་པར་དུ་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཞིང་བསམ་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ་ཞབས་རིམ་ཚོགས་སྲོལ་ཡོད་པ་བཞིན། ཐེངས་འདིར་རྒྱལ་བའི་བཀའ་འགྱུར་དག་ཚར་གསུམ་དང་། ཕུར་པ་སྟོང་བཟློག་རྒྱས་པ། གནོད་སྦྱིན་ཙིའུ་དམར་གསོལ་ཁ་འབུམ་ཚར། སེང་གདོང་མ་སྟོང་ཟློག ཞི་འདུལ། པདྨ་བཀའ་ཐང་བརྒྱ་ཚར། དྲི་མེད་བཤགས་རྒྱུད་སྟོང་ཚར། གནས་བརྟན་ཕྱག་མཆོད་སྟོང་ཚར། བསྟན་རྒྱས་སྨོན་ལམ་གང་མང་བཅས་བསྒྲུབ་གཏན་ཁེལ་ཡོད་པ་ལས། དེ་རིང་ཉིན་དང་པོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་གསུམ་ལེགས་པར་བསྒྲུབས་གནང་མཛད་ཡོད།
From May 10 to 13, 2026, over the course of four days at Namdroling Monastery, a series of ritual ceremonies are being conducted for the flourishing and expansion of the Buddha Dharma, the long life and vast enlightened activities of the masters, and for the complete pacification of all suffering and adverse conditions in the world — including illness, famine, warfare, and conflict throughout the globe — so that peace and harmony may prevail everywhere. In particular, these ceremonies are being performed to remove all outer, inner, and secret obstacles and hindrances affecting the monastery, and to accomplish all aspirations in accordance with the Dharma.
On this occasion, the following practices have been scheduled:
* Three complete recitations of the sacred Kangyur (the translated words of the Buddha)
* 1,000 recitations of Vajrakilaya
* 100,000 recitations of Tsemar Mahakala
* 1,000 recitations of Singhamukha
* Pacifying and subjugating rites
* 100 recitations of the Pema Kathang
* 1,000 recitations of the Drimed Sakjud (Stainless Confession Ta**ra)
* 1,000 recitations of the Practice of Paying Homage and Making Offerings to the Sixteen Elders
* Ten-Jey Monlam prayers
Accordingly, today, on the first day, the three complete recitations of the precious Kangyur were successfully accomplished.
2026年5月10日至13日,南卓林寺將舉行為期四天的法會,祈願佛法弘揚興盛,諸位上師長壽、佛法事業廣大,並完全消除世間疾病、飢荒、戰爭、衝突等一切苦難與逆境,令和平遍及四方。尤其值得一提的是,此次法會旨在消除寺院一切外、內、密障礙與阻礙,並能如法達成一切願望。
此次法會內容如下:
* 完整誦讀三次《甘珠爾》(佛陀言教經文)
* 誦讀一千遍《金剛橛》
* 誦讀十萬遍《紫瑪夜叉護法》
* 誦讀一千遍《獅面佛母經》
* 平息降伏法
* 誦讀一百遍《蓮花遺教》
* 誦讀一千遍《無垢懺悔續》
* 誦讀一千遍《十六羅漢禮供》
* 《佛教興盛願文》
今日法會第一天,即圓滿完成了三次的《甘珠爾》誦讀