𝐆𝐨𝐬𝐡𝐢𝐧𝐠𝐩𝐚 𝐏𝐡𝐨𝐭𝐨𝐠𝐫𝐚𝐩𝐡𝐲

𝐆𝐨𝐬𝐡𝐢𝐧𝐠𝐩𝐚 𝐏𝐡𝐨𝐭𝐨𝐠𝐫𝐚𝐩𝐡𝐲 Contact information, map and directions, contact form, opening hours, services, ratings, photos, videos and announcements from 𝐆𝐨𝐬𝐡𝐢𝐧𝐠𝐩𝐚 𝐏𝐡𝐨𝐭𝐨𝐠𝐫𝐚𝐩𝐡𝐲, Photographer, 6 Ellesmere Road, Perth.

༄    མི་དབང་རྒྱལ་བཙུན་རིན་པོ་ཆེ་རྗེ་བཙུན་པདྨ་མཆོག་གི་བརྟན་བཞུགས།བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད་མགོན་དང་། །འཆི་མེད་གཙུག་གཏོར་...
04/06/2022

༄ མི་དབང་རྒྱལ་བཙུན་རིན་པོ་ཆེ་རྗེ་བཙུན་པདྨ་མཆོག་གི་བརྟན་བཞུགས།
བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད་མགོན་དང་། །
འཆི་མེད་གཙུག་གཏོར་རྣམ་པར་རྒྱལ་མའི་ལྷ། །
རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །
ཚེ་དང་ཡེ་ཤེས་དམ་པའི་མཆོག་སྦྱིན་མཛོད། །
རྒྱལ་ཀུན་སྐྱེད་ཡུམ་ཤེས་རབ་ཕར་ཕྱིན་མ། །
ཞིང་འདིའི་འགྲོ་བ་འདྲེན་པའི་ཐབས མཁས་ཀྱིས། །
ས་སྐྱོང་དམ་པའི་བཙུན་མོར་རྣམ་རོལ་བ། །
སྐུ་ཚེ་མི་འགྱུར་གཡུང་དྲུང་ལྟར་བརྟན་ཤོག །
ཆོས་ཀྱི་རྒྱལ་པོའི་འཕྲིན་ལས་སྒྲུབ་པའི་རྟེན། །
མངའ་རིས་བྱམས་བརྩེས་སྐྱོང་བའི་མ་མ་མཆོག །
རྒྱལ་བཙུན་དམ་པ་རྗེ་བཙུན་པདྨའི་མཚན། །
སྐུ་ཚེ་མི་ཤིགས་རྡོ་རྗེ་ལྟར་བརྟན་ཤོག །
མཛེས་སྡུག་སྙིང་པོ་སྐུ་ཡི་དཀྱིལ་འཁོར་བརྟན། །
མ་འགགས་ཚངས་དབྱངས་གསུང་སྒྲ་རྒྱུན་མི་ཆད། །
མཁྱེན་བརྩེའི་ཐུགས་ལ་སྒྲིབ་པ་མེད་བཞིན་དུ། །
སྐུ་ཚེ་མི་ནུབ་རྒྱལ་མཚན་ལྟར་བརྟན་ཤོག །
སྐྱབས་གནས་རྩ་གསུམ་ལྷ་ཡི་བྱིན་བརླབས་དང་། །
བདག་ཅག་འབངས་རྣམས་དད་དམ་གཙང་བ་ཡི། །
རྒྱུ་འབྲས་རྟེན་འབྱུང་བསླུ་མེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག། །།

- kheng karchung

Address

6 Ellesmere Road
Perth, WA
6147

Website

Alerts

Be the first to know and let us send you an email when 𝐆𝐨𝐬𝐡𝐢𝐧𝐠𝐩𝐚 𝐏𝐡𝐨𝐭𝐨𝐠𝐫𝐚𝐩𝐡𝐲 posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share

Category