03/05/2026
གསོན་བུམ་དབང་གི་སྐོར།
ཨོ་རྒྱན་ཆེན་པོས། འདྲེན་མཆོག་རྡོ་རྗེ་སློབ་དཔོན་གྱིས༔ གསོན་གྱི་བུམ་པ་བཟུང་བྱས་ནས༔ དབང་དང་ངོ་སྤྲོད་ཐེབས་པར་བྱ༔ ལྷ་དང་འབྲེལ་བའི་སྨོན་ལམ་གྱིས༔ ངན་སོང་གནས་སུ་ལྟུང་མི་འགྱུར༔ ཤི་ནས་བདུན་ཚིགས་བྱེད་པ་དང་༔ རོ་ལ་དབང་བསྐུར་བྱེད་པ་དང་༔ དྲི་གོས་མདུན་དུ་ཆོས་བཤད་རྣམས༔ ཡིན་དང་ཡིན་ཏེ་རྣམ་རྟོག་ཙམ༔ ཤི་ནས་བླ་མ་བརྒྱ་སྟོང་གི༔ བདུན་ཚིགས་བཟུང་བར་བྱས་པ་བས༔ ད་ལྟ་བེམ་རིག་མ་བྲལ་སྐབས༔ སློབ་དཔོན་མཚན་ཉིད་ལྡན་པ་ཡིས༔ གསོན་གྱི་ངོ་སྤྲོད་ཐེབས་པ་ན༔ ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ རོལ་མོའི་སྒྲར་བཅས་མདུན་བསུས་ནས༔ མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར༔ ཞེས་ཀློང་གསལ་གསོན་བུམ་ཡང་དག་ཐུགས་རྗེའི་གནས་ལུང་གི་ངོ་སྤྲོད་དབང་བསྐུར་རོ།།
SOEN BUM EMPOWERMENT
The Great Orgyen, Guru Rinpoche, declared:
The supreme guide, the vajra master,
Holds the vase of the living-
Bestowing empowerment,
Granting introduction.
Through aspirations linked to the deity,
One is freed from the fall
Into the lower realms.
Week-long rituals are observed after death,
Empowerments bestowed upon the co**se,
Dharma explained before the body and garments-
These are all merely conceptual thoughts.
Far better than a hundred lamas
Performing rites when you are gone
Is this:
While you are still alive,
While consciousness has not departed-
If a qualified master bestows the introduction
Then, when the time of death arrives,
Lamas, yidam deities, and dakinis
Will greet you with celestial music
And guide you, directly,
To the pure lands.
🙏🙏🙏